
སྤྱི་ལོ་ ༢༠༢༥ ཟླ་བ་༡༢ པའི་ཚེས་ ༢༥ ཉིན་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་པས་ང་ཚོ་ཆོས་ཞུ་པ་ཡོངས་ནས་དགའ་དད་སྤྲོ་བ་ཆེན་པོས་རིན་པོ་ཆེའི་འཁྲུངས་སྐར་རྟེན་འབྲེལ་ཞུ་རྒྱུ་དང་། སྐལ་བཟང་གི་དུས་ཚེས་ཁྱད་པར་ཅན་གྱི་ཉིན་མོར་༧སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཆེད་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་ཞབས་བརྟན་གསོལ་འདེབས་གསུང་གནང་མཛད་རྗེས་སྔ་དྲོའི་དབང་གི་སྟ་གོན་གསུངས་ནས་ཞོགས་ཐུན་གྲོལ།
ཉིན་རྒྱབ་སྔར་རྒྱུན་བཞིན་ཆུ་ཚོད་ ༢ པར་སླར་ཚོགས་ནས་ལྗགས་ལུང་མུར་གསུངས་ནས་ཆུ་ཚོད་༣ ༣༠ པར་ཚོགས་གྲོལ་ནས་སྐུ་མལ་གསོ་རྒྱུ་ཡིན་པ་བཅས་སོ།།
Please be informed that the birth anniversary of Kyabje Shechen Rabjam Rinpoche will be joyously celebrated on the 25th of December, 2025.
On this auspicious occasion, prayers for Rinpoche’s long life and the offering of the maṇḍala will be conducted during the first session.
As per the usual schedule, Kyabje Rinpoche will commence with the transmissions and continue after lunch at 2:00 p.m.
Following the afternoon break at 3:30 pm the remainder of the day will be observed as a rest period for the assembly.

